【小话 · TIBET】 | 佛陀与孔子同时期,藏族先民处于啥状态?

这一期,达叔带你聊聊包括佛陀释伽牟尼在内的、公元前500年左右,同一历史时空、不同空间下的有趣历史知识。

点、点、点……近千个点记录下佛陀生卒年

在佛陀释迦牟尼的众多弟子中,有一位叫优婆离,他在僧团的岗位是 “纪检监察员”。

啥?纪检监察员?

是的,没错。

“三藏”是佛教经典的总称,包含:经、律、论。没有规矩不成方圆,作为“三藏”之一的“律”,是指佛教组织为教徒和信众制定的戒法和纪律。这位优婆离同学就是释伽牟尼僧伽(团)的持律大弟子,也就是僧团的“纪检监察员”,督促大家遵纪守法。

佛陀释迦牟尼涅槃(入灭、逝世)当年夏天,优婆离组织并带领僧伽,对佛陀教授和规定的修行戒法进行了第一次汇编,并主持了仪式感十足的领诵、讨论完善和供养活动。

然后,在汇编完成的律藏典籍第一页空白处,点下一个点,作为第一次这种活动的标志与纪念。

这本律藏典籍(汇编)名叫《善见律毗婆沙》。

此后每年夏天,优婆离的嫡传弟子们都会按照首次仪式的仪轨进行律藏供养,并在这本《善见律毗婆沙》原本的那张空白页上再相继点下一个点。

点、点、点……这本《善见律毗婆沙》原本被优婆离的嫡传弟子们代代相传,年复一年,循环往复。

某一年,《善见律毗婆沙》原本传到了“三藏法师”(这种称呼的佛教僧人很多)手上,他把这个原本带到了中国广州,随后传给了僧伽跋陀罗

公元489年(正值我国南齐永明7年)夏天,这位僧伽跋陀罗将《善见律毗婆沙》原本翻译成汉文后,按照前辈们的仪轨纪念和供养传统,也记下了一个点。

这个点,是第975点。

这就意味着,从佛陀入灭当年记上第一个点,到此时已经历经975年。

由此,很容易便往上推算出佛陀出生于公元前565年,入灭于公元前486年,年寿80岁( 享年80是基本没有争议的)。

这就是著名的——“众圣点记”。

关于佛陀出世和入灭年代,还有其他很多说法,比如:阿育王年代派、锡兰无畏山派、部派以及锡兰传说等。

由于“众圣点记”在大部分佛教国家和地区被广泛接受,在这里,达叔暂且以“众圣点记”为主进行以上内容分享。

དུས་ཐེངས་གསུམ་པ། སྟོན་པ་ཤཱཀྱ་ཐུབ་པ་དང་ཁུང་ཙེ། སྐབས་དེའི་བོད་ཀྱི་གནས་བབ།

དུས་ཐེངས་གོང་མར་ང་ཚོས“རིགས་རྒྱུད་ལམ་ལུགས་དང་དབྱིན་ཧྲང་། ཞང་ཞུང”བཅས་ཀྱི་སྐོར་རགས་ཙམ་གླེང་བ་མ་ཟད་ད་དུང་སྟོན་པ་ཤཱཀྱ་ཐུབ་པའི་སྐོར་ཡང་གླེང་ཡོད།

ད་ཐེངས་ཨ་ཁུ་ཟླ་བས་ཁྱེད་རྣམས་ལ་སྟོན་པ་ཤཱཀྱ་ཐུབ་པའི་སྐོར་ཚུད་པའི་སྤྱི་ལོའི་སྔོན་གྱི་500ལོ་ཡས་མས་སུ་དུས་ཚོད་གཅིག་གི་ཐོག་བར་སྟོང་མི་འདྲ་བའི་འོག་ཐོན་པའི་ལོ་རྒྱུས་ཤེས་བྱ་ཁག་གཅིག་གླེང་རྒྱུ་ཡིན།

ཚེག་རིས་བརྒྱབ་ནས་སྟོན་པའི་སྐུ་འཁྲུངས་འདས་ཀྱི་ལོ་ཚིགས་མཚོན་པའི་སྐོར།

སྟོན་པ་ཤཱཀྱ་ཐུབ་པའི་སློབ་མའི་མང་པོའི་ཁྲོད་འཕགས་པ་ཉེ་བར་འཁོར་ཞུ་བ་ཞིག་ཡོད། སློབ་མ་དེ་ནི་དགྲ་བཅོམ་པའི་ཁྲོད་དུ“སྒྲིག་བཤེར་ལྟ་ཞིབ་པའི”འགན་འཁུར་གྱི་ཡོད།

རེད། སྒྲིག་བཤེར་ལྟ་ཞིབ་པ་རེད།

སྡེ་སྣོད་གསུམ་ནི་ནང་བསྟན་གསུང་རབ་ཀྱི་སྤྱི་མིང་ཡིན། དེ་ནི་སངས་རྒྱས་ཀྱི་བཀའ་ཐམས་ཅད་བརྗོད་བྱ་བསླབ་པ་གསུམ་གཙོ་བོར་གྱུར་པའི་སྒོ་ནས་རྗོད་བྱེད་སྡེ་སྣོད་གསུམ་དུ་བཞག་པ་སྟེ། འདུལ་བའི་སྡེ་སྣོད་དང་མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་བཅས་ཡིན། སྒྲིག་ལམ་མེད་ན་བྱ་བ་ག་ལ་འགྲུབ་ཟེར་བ་ལྟར། སྡེ་སྣོད་གསུམ་ཁྲོད་ཀྱི་འདུལ་བའི་སྡེ་སྣོད་ནི་ནང་བསྟན་རྩ་འཛུགས་ཀྱིས་ཆོས་པ་དང་དད་ལྡན་མང་ཚོགས་ལ་གཏན་འབེབས་བྱས་པའི་འདུལ་ཁྲིམས་དང་སྒྲིག་ཁྲིམས་ལ་ཟེར། འཕགས་པ་ཉེ་བར་འཁོར་ནི་སྟོན་པ་ཤཱཀྱ་ཐུབ་པའི་དགྲ་བཅོམ་པའི་ཚོགས་ཀྱི་སྡོམ་ཁྲིམས་འཛིན་པའི་སློབ་མ་རྒན་པ་ཞིག་ཡིན་ལ་དགྲ་བཅོམ་པའི་ཚོགས་ཀྱི“སྒྲིག་བཤེར་ལྟ་ཞིབ་པ”ཡིན་པས་ཚང་མར་སྒྲིག་བཀུར་ཁྲིམས་སྲུང་བྱེད་དགོས་པའི་སྐུལ་ལྕག་གཏོང་བའི་ལས་ལ་བཞོལ།

སྟོན་པ་སྐུ་མྱ་ངན་ལས་འདས་པའི་ལོ་དེའི་དབྱར་ཁར་འཕགས་པ་ཉེ་བར་འཁོར་གྱིས་དགྲ་བཅོམ་པ་རྣམས་ཀྱི་སྣེ་ཁྲིད་དེ་སངས་རྒྱས་ཀྱི་གསུང་དང་གཏན་ལ་ཕབ་པའི་སྒོམ་སྒྲུབ་ཕྱོགས་སྒྲིག་ཐེངས་དང་པོ་གནང་བ་མ་ཟད། ཆོས་ཀློག་དང་བསྙེན་བསྐུར་གྱི་མཛད་སྒོ་གཟབ་རྒྱས་ཤིག་བསྐྱངས་ཡོད།

དེ་རྗེས་ཕྱོགས་སྒྲིག་གནང་བའི་འདུལ་བའི་སྡེ་སྣོད་ཀྱི་གསུང་རབ་ངོས་ཀྱི་ཤོག་ངོས་དང་པོའི་སྟོང་ཆའི་མཚམས་སུ་ཚེག་རིས་ཤིག་བཀོད་ནས་མཛད་སྒོ་དེ་རིགས་ཀྱི་མཚོན་རྟགས་དང་དྲན་གསོ་ཐེངས་དང་པོ་ཡིན་པའི་རྟགས་སུ་འཛིན།

འདུལ་བའི་བསྟན་བཅོས་འདིའི་མིང་ལ《འདུལ་བ་ལུང》ཞེས་བརྗོད།

དེ་རྗེས་ལོ་ལྟར་དབྱར་གྱི་དུས་སུ་འཕགས་པ་ཉེ་བར་འཁོར་གྱི་དངོས་སློབ་ཚོས་ཐེངས་དང་པོའི་མཛད་སྒོ་ཇི་བཞིན་འདུལ་ཁྲིམས་ཀྱི་མཆོད་པ་ཕུལ་བ་དང་འབྲེལ《འདུལ་བ་ལུང》གི་མ་དཔེའི་ཤོག་ལྷེ་སྟོང་པ་དེའི་ཐོག་མུ་མཐུད་ཚེག་རིས་བརྒྱབ།

དེ་ལྟར་འཕགས་པ་ཉེ་བར་འཁོར་གྱི་དངོས་སློབ་རྣམས་ཀྱིས་མི་རབས་ནས་མི་རབས་བརྒྱུད་དེ《འདུལ་བ་ལུང》གི་མ་དཔེའི་ཐོག་ལོ་རེ་བཞིན་ཡང་ནས་བསྐྱར་དུ་ཚེག་རིས་བཀོད།

དུས་ཤིག་ལ《འདུལ་བ་ལུང》གི་མ་དཔེ་དེ“སན་ཙང་སློབ་དཔོན”གྱི་ཕྱག་ཏུ་བརྒྱུད་པ་དང་། ཁོང་གིས་མ་དཔེ་དེ་ཀྲུང་གོའི་ཀོང་ཀྲོའུ་རུ་བསྣམས་ཤིང་དེ་རྗེས་དགེ་འདུན་པཱ་ཐོ་ལོ་བྱ་བར་བརྒྱུད་སྤྲོད་མཛད།

སྤྱི་ལོ་489ལོའི(རང་རྒྱལ་གྱི་ལྷོ་ཆི་རྒྱལ་རབས་ཀྱི་ཡུང་མིང་ལོ་7སྐབས)དབྱར་ཁར་དགེ་འདུན་པཱ་ཐོ་ལོ་ཡིས《འདུལ་བ་ལུང》གི་མ་དཔེ་རྒྱ་ཡིག་ཏུ་བསྒྱུར་རྗེས་སྔོན་བྱོན་མེས་པོ་རྣམས་ཀྱིས་མཛད་པ་ལྟར་དྲན་གསོ་དང་བསྙེན་བཀུར་མཚོན་པའི་རྒྱུན་བསྐྱངས་ཏེ་ཚེག་རིས་བྲིས་གནང་ཡོད།

ཚེག་རིས་དེ་ནི་ཐེངས་975དེ་ཡིན།

དེའི་ཐོག་ནས་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་པའི་ལོ་དེར་ཚེག་རིས་ཐེངས་དང་པོ་བཀོད་པ་ནས་དུས་དེ་བར་དུས་ཡུན་ལོ་ངོ་975འདས་ཟིན་པ་མཚོན་གྱི་ཡོད།

དེ་ལས་ང་ཚོས་སྟོན་པ་ཤཱཀྱ་ཐུབ་པ་ནི་སྤྱི་ལོའི་སྔོན་གྱི་565ལོར་སྐུ་བལྟམས་པ་དང་། སྤྱི་ལོའི་སྔོན་གྱི་486ལོར་སྐུ་མྱ་ངན་ལས་འདས་ཤིང་ལོ་80འཚོ་བཞུགས(ལོ་80བཞུགས་པར་རྩ་བའི་ཆ་ནས་རྩོད་གླེང་མེད)གནང་ཡོད་པ་འདེད་ཐུབ།

འདི་ནི་ཡུལ་གྲུ་ཀུན་ལ་ཡོངས་སུ་གྲགས་པའི“འཕགས་པའི་ཚོགས་ཀྱི་ཚེག་ཐོ”ཞེས་པ་དེ་ཡིན།

སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་མྱ་ངན་ལས་འདས་པའི་ལོ་རབས་སྐོར་ལ་ད་དུང་བཤད་ཚུལ་མི་འདྲ་བ་མང་པོ་ཡོད་དེ། དཔེར་ན། ཆོས་རྒྱལ་མྱ་ངན་མེད་ཀྱི་ལོ་རབས་རྩིས་ལུགས་དང་གནས་བརྟན་སྡེ་བའི་ལུགས(བོད་དུ་ཁ་ཆེ་པཎ་ཆེན་གྱི་ལུགས་སུ་གྲགས་པ་དེ་ཚད་མར་འཛིན་བཞིན་ཡོད་དེ། སྤྱིར་སྟོན་པ་མེ་སྦྲུལ་ཏེ་སྤྱི་ལོའི་སྔོན་གྱི625ལོར་སྐུ་འཁྲུངས། དགུང་ལོ་གྱ་གཅིག་པ་མེ་འབྲུག་སྟེ་སྤྱི་ལོའི་སྔོན་གྱི་545ལོར་མྱ་ངན་ལས་འདས་པར་འཛིན)སོགས་ཡོད།

“ འཕགས་པའི་ཚོགས་ཀྱི་ཚེག་ཐོ”ནི་ནང་བསྟན་གྱི་རྒྱལ་ཁབ་དང་ས་ཁུལ་མང་ཆེ་བར་རྒྱ་ཁྱབ་ངང་དང་ལེན་བྱེད་ཀྱི་ཡོད་ཅིང་། དེ་གར་ཨ་ཁུ་ཟླ་བས་གནས་སྐབས་རིང“ འཕགས་པའི་ཚོགས་ཀྱི་ཚེག་ཐོ”གཙོ་བོར་བྱས་ནས་གོང་གསལ་གྱི་ནང་དོན་དག་མཉམ་སྤྱོད་བགྱེས་ཚུལ་ཞུས་ཡོད།

藏文化里的孔子

1908年2月24日,法国汉学家保罗·伯希和千里“探险”,来到了敦煌,在被敦煌艺术和所藏古卷震撼(估计下巴颏儿快掉地上的那种)的同时,劫走了6千余种各类古文书和古文献。

这部分文献中的藏文文献,后来被叫做“敦煌伯希和藏文文献”。

平白无故的,干嘛提这个呢?

因为,在 “敦煌伯希和吐蕃藏文文献”第987号写卷和第988号写卷里分别用ཀོང་ཙེ།(第988号写卷) 和 ཀོང་ཚེ།(第987号写卷) 提到了一个人,在藏文里音译叫“宫孜”。

根据学者研究并确定,在这两个写卷里的ཀོང་ཙེ།和ཀོང་ཚེ།就是众所周知的孔老夫子

天呐,真的假的?

是的,你真的没有看错!

当然,人家学者也不会凭空乱讲。

因为这两部藏文古代写卷的主要内容,都是充满各种强烈儒家伦理色彩的道德箴言,并且常态提及了很多其他爆红的先贤的名字。

其中,在988号写卷里有一段内容是《论语》“己所不欲,勿施于人”或者《中庸》“施诸己而不愿,亦勿施于人”的藏文译文,并明确说这是“宫孜”( ཀོང་ཙེ། )说的。

通过这两部写卷,主要说明了:至少在敦煌石窟封闭之前(11世纪中叶)已经有人使用藏文“宫孜”( ཀོང་ཙེ། )在指称孔子了。

除了“伯希和敦煌藏文文献”写卷外,孔子在敦煌藏文文献其他写卷里,也多次以“宫孜”( ཀོང་ཙེ། )出现。

“汉族儒家的导师是孔夫子或称孔子,藏族因为不能发出准确的汉音,所以称孔夫子为'宫孜’( ཀོང་ཙེ།)”在后来的十八世纪藏族学者土观·罗桑确吉尼玛在《土观宗派源流》中是这样记载的。

现今有藏学研究学者,根据包括以上有趣内容在内的、更多文献和记载,研究认为:

早在吐蕃时期,孔子的盛名就通过唐蕃交流远播西藏,并得到了藏民族的文化认同。

在西藏腹地则被纳入到了宗教信仰体系里,被看作是无数算学与消灾仪式文献传承的创始者,更是被改造成了“圣、神、王”三位一体的“宫孜楚吉杰布”( ཀོང་རྩེ་འཕྲུལ་གྱི་རྒྱལ་པོ།)。

在本教(苯教)里,他成了“四大护法神”之一(传说他创造了如今藏族传统民俗里的星算占卜和经幡);在藏传佛教里,他是文殊菩萨的弟子或者化身。

当然,也有很多学者并不认同这样的观点,在西藏很多苯教和藏传佛教文献里时常将“宫孜”与其他词汇结合在一起,并不是指称孔子。

达叔想说的是:全世界地域相邻的民族之间,各类各种的文化交流和交融,永远是各民族在文化层面上相互认同和兼容并蓄的结果。

应本着广大的包容胸怀,以及汲取更多善知识的高度与格局对待。

孔子,生于公元前551年,卒于公元前479年,是与佛陀生前同时代的伟大学者。

也就是说,佛陀入灭7年后,孔子圆寂。

བོད་ཀྱི་རིག་གནས་ཁྲོད་ཀྱི་ཁུང་ཙེའི་སྐོར།

1908ལོའི་ཟླ་2ཚེས་24ཉིན་ཧྥ་རན་སེའི་རྒྱ་རིག་པ་མཁས་ཅན་པའོ་ལུའོ·པོ་ཞི་ཧེ་ཡིས་ལེ་དབར་སྟོང་གི“མྱུལ་ཞིབ”བྱེད་སྐབས་ཏུན་ཧོང་དུ་འབྱོར་ནས་ཏུན་ཧོང་གི་སྒྱུ་རྩལ་དང་དེར་ཉར་ཚགས་བྱས་པའི་གནའ་བོའི་བམ་པོའི་ཚོགས་ལ་ཧང་སངས་པ་དང་དུས་མཚུངས་གནའ་བོའི་ཡིག་རིགས་དང་ཚད་ལྡན་ཡིག་ཆ་སྣ་ཁ་6000ལྷག་ཙམ་འཕྲོག་བཅོམ་བྱས།

ཚད་ལྡན་ཡིག་ཆ་དེ་དག་ནང་གི་བོད་ཡིག་ཚད་ལྡན་ཡིག་ཆ་ལ་ཕྱིས་སུ“ཏུན་ཧོང་པོ་ཞི་ཧེ་བོད་ཡིག་ཚད་ལྡན་ཡིག་ཆ”ཞེས་འབོད།

ཡིག་ཆ་དེ་གླེང་བའི་རྒྱུ་མཚན་ནི“ཏུན་ཧོང་པོ་ཞི་ཧེ་གནའ་རབས་བོད་ཡིག་ཚད་ལྡན་ཡིག་ཚགས”ཨང་གྲངས་987དང་ཨང་གྲངས་988པའི་བྲིས་ཤོག་ནང་ཀོང་ཙེ (བྲིས་ཤོག་ཨང་གྲངས་988 )དང་ཀོང་ཚེ(བྲིས་ཤོག་ཨང་གྲངས་987 )ཞེས་པའི་སྐྱེ་བོའི་མིང་ཞིག་ཐོན་ཡོད།

དེའི་ཁྲོད་བྲིས་ཤོག་ཨང་གྲངས་998ནང《ཁུང་ཙིའི་གསུང་སྒྲོས》ཀྱི“རང་གིས་བྱེད་འདོད་མེད་པ་དེ། གཞན་ལ་བྱེད་དུ་འཇུག་མི་རུང”ཞེས་པའི་བོད་ཡིག་གི་སྒྱུར་ཡིག་ནང་དོན་ཡོད།

གོང་གི་བྲིས་ཤོག་དེ་གཉིས་བརྒྱུད་གཙོ་བོ་གསལ་བཤད་ཐུབ་པ་ནི་མ་མཐར་ཡང་ཏུན་ཧོང་བྲག་ཕུག་བཀག་སྡོམ་མ་བྱས་གོང(དུས་རབས་11པའི་དུས་དཀྱིལ)བོད་ཡིག་ནང“ཀོང་ཙེ”ཞེས་བྲིས་ནས་ཁུང་ཙི་ཡིན་ལུགས་བསྟན་ཡོད།

“ཤེའུ་དངོས་ཀྱི་སྟོན་པ་ནི་ཁུང་ཕུའུ་ཙིའམ་ཁུང་ཙེ་ཞེས་གྲགས་པ་སྟེ།   བོད་རྣམས་ཀྱིས་རྒྱ་སྐད་ཇི་བཞིན་མ་ཐོན་པར་ཀོང་ཙེ་ཞེས་འབོད་པ་དེའོ”ཅེས་དུས་རབས་བཅུ་བརྒྱད་པར་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་བརྩམས་པའི 《ཐུའུ་བཀྭན་གྲུབ་མཐའི》ནང་འཁོད་ཡོད།

དེང་སྐབས་བོད་རིག་པའི་ཞིབ་འཇུག་པ་འགའ་ཞིག་གིས་གོང་གི་ནང་དོན་ཚུད་པའི་དེ་བས་མང་བའི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆའི་ནང་འཁོད་པ་གཞིར་བཟུང་ནས་ཞིབ་འཇུག་བྱས་པ་བརྒྱུད། བོད་བཙན་པོའི་སྐབས་ནས་ཁུང་ཙེའི་མིང་གྲགས་ཐང་བྷོད་དབར་སྤེལ་རེས་བྱས་ནས་བོད་དུ་དར་ཡོང་བ་དང་། མ་ཟད་བོད་མི་རིགས་ཀྱི་རིག་གནས་མོས་མཐུན་ཐོབ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

འོན་ཀྱང་མཁས་དབང་མང་པོ་ཞིག་གིས་ལྟ་ཚུལ་དེ་ཁས་ལེན་གྱི་མེད་ཅིང་། བོད་ཀྱི་བོན་ཆོས་དང་བོད་བརྒྱུད་ནང་བསྟན་གྱི་ཚད་ལྡན་ཡིག་ཆ་མང་པོའི་ནང་རྟག་ཏུ“ཀོང་ཙེ”དང་ཐ་སྙད་གཞན་དག་ཟུང་འབྲེལ་བྱེད་པ་དང་དེ་ནི་ཁུང་ཙི་མ་ཡིན་པ་གསལ་པོར་བསྟན་ཡོད།

ཨ་ཁུ་ཟླ་བ་ངས་བཤད་འདོད་པ་ནི། འཛམ་གླིང་ཡོངས་ཀྱི་ས་ཁོངས་འབྲེལ་བའི་མི་རིགས་དབར་རིགས་མི་འདྲ་བའི་རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱུང་བ་ནི་དུས་ནམ་ཡང་མི་རིགས་ཁག་གིས་རིག་གནས་བང་རིམ་གྱི་ངོས་ནས་ཕན་ཚུན་ཁས་ལེན་དང་མཉམ་སྡུད་མཉམ་གསོག་བྱས་པའི་འབྲས་བུ་ཡིན།

ང་ཚོས་མཉམ་དུ་དེ་བས་ཁོང་ཡངས་དཀྱེལ་ཆེ་དང་དེ་བཞིན་དེ་བས་ལེགས་པའི་ཤེས་བྱ་བསྡུ་ལེན་བྱེད་པའི་མཐོ་ཚད་དང་རྣམ་པ་གཞིར་བཟུང་སྟེ། ཡང་དག་པའི་རིགས་ལ་རྟོག་ཞིབ་བྱེད་དགོས་པ་དང་། ཡང་མི་དག་པའི་རིགས་རྫུན་བཟོ་ཡིན་པ་མཐིལ་བརྟོལ་ནས་ཐུན་མོང་ཐོག་སློབ་སྦྱོང་དང་མཐོར་འདེགས། ཡར་ཐོན་བཅས་ཡོང་བ་བྱེད་དགོས།

ཁུང་ཙི་ནི་སྤྱི་ལོའི་སྔོན་གྱི་551ལོར་འཁྲུངས་པ་དང་སྤྱི་ལོའི་སྔོན་གྱི་479ལོར་འདས། ཁོང་ནི་སྟོན་པ་ཤཱཀྱ་ཐུབ་པ་དང་དུས་སྐབས་གཅིག་རིང་གི་རླབས་ཆེ་བའི་མཁས་པ་ཞིག་ཡིན་ཞིང་། སྟོན་པ་སྐུ་མྱ་ངན་ལས་འདས་ནས་ལོ་7སོང་རྗེས་ཁུང་ཙིའང་ཚེ་ལས་འདས།

苯教徒 ཤེས་རབ།

和邦王们

藏族先民部落联盟向国家政权的过渡

有一款电脑二维动漫游戏叫“帝国时代”:发展氏族经济、修建城寨(堡)、来回征伐、相互兼并、发展城市……

大约公元前500年左右青藏高原大概就是这样一种状态,氏族部落之间,私有制出现以后为了土地和人口相互吞并,进而形成部落联盟,修建城堡式建筑用于战争防御,依此为基础出现城市的雏形,进一步征战。

在这样的过程里,大小部落你灭我、我灭他、他又攻你、你方唱罢我登场、你中有我、我中有你。

在这一时期,青藏高原在雅隆悉卜野部落联盟高调崛起之前,基本上处于部落联盟向国家政权过渡阶段

在藏族历史研究学界以及藏族历史爱好者“票圈”,都知道不少耳熟能详的藏族历史重要参考史籍文献,比如《敦煌吐蕃藏文历史文书》、《贤者喜宴》、《汉藏史籍》。

《汉藏史籍》记载了青藏高原先古的演变序列:猕猴——人——原始四氏族(或者六氏族)——“玛桑九兄弟”——“小邦统治”(二十五小邦、十二小邦、四十小邦等等)。

这里的“小邦”就是部落联盟,而这样的“小邦”在公元前500年左右,在青藏高原分布非常广。

从《敦煌吐蕃藏文历史文书》和《贤者喜宴》的相关记载,可以考出不少有地望的小邦:

【象雄】:今天的阿里地区札达县境内,拥有“琼隆银堡”。

【藏】、【罗昂】:今天的年楚河流域。

【吉】:今天的拉萨河流域。

【森波】:今天的拉萨林周县境内(彭波地方)。

【贡】、【娘】、【达】:今天的林芝市境内。

【亚松】:今天的唐古拉山南北,即后来的苏毗。

当时的雅隆地区可能因为落后一些,而没有被记入同时期“小邦”序列。

但是,从《敦煌吐蕃藏文历史文书》以及《第穆萨摩崖刻石》相关记载可知,这个时候的雅隆地区,应该已经有了“六父六君”或“天神六兄弟”的六部落,并同后来的“吐蕃牦牛六部落”有着一定的联系。

“吐蕃牦牛六部落”,达叔在下一期分享“吐蕃王国第一位赞普”——聂赤赞普时,会跟大家提到。

关于藏文化里的孔子参考论著:

魏冬、益西群培:《藏族传统文化中的孔子形象》,载于《西藏研究》2009年2月第1期。

关于吐蕃从部落向国家制过渡,主要参考书:

1、    王尧、陈践译注:《敦煌本吐蕃历史文书》1980版;

2、    王尧:《吐蕃金石录》1982版;

3、    《汉藏史籍》四川民族出版社1985版;

4、    《贤者喜宴》。

མཚོ་བོད་ས་མཐོར་ཚོ་པའི་མནའ་འབྲེལ་ནས་རྒྱལ་ཁབ་སྲིད་དབང་བཙུགས་པའི་བར་བརྒལ་གྱི་དུས་སྐབས་སྐོར།

ཧ་ལམ་སྤྱི་ལོའི་སྔོན་གྱི་500 ལོ་ཡས་མས་སྐབས་མཚོ་བོད་ས་མཐོའི་ཚོ་པ་ཁག་གི་དབར་སྒེར་ལ་དབང་བའི་ལམ་ལུགས་བྱུང་རྗེས་ས་ཞིང་དང་མི་འབོར་ཕན་ཚུན་ཁྱུར་མིད་གཏོང་བའི་ཆེད་དུ་ཚོ་པའི་མནའ་འབྲེལ་ཆགས་པ་དང་། མཁར་རྫོང་ལྟ་བུའི་བཟོ་བཀོད་བསྐྲུན་ནས་དམག་འཁྲུག་གི་འགོག་སྲུང་ཐད་སྤྱད་ཅིང་། རྨང་གཞི་དེའི་ཐོག་གྲོང་ཁྱེར་གྱི་ཐོག་མའི་རྣམ་པ་ཐོན་པ་དང་མུ་མཐུད་གཡུལ་འགྱེད་པའི་རྣམ་པ་རབ་དང་རིམ་པ་ཐོན།

དེ་ལྟ་བུའི་བརྒྱུད་རིམ་ཁྲོད་ཚོ་པ་ཆེ་ཆུང་མི་འདྲ་བའི་དབར་ཁྱོད་ཤི་ང་གསོན་གྱི་གཡུལ་འགྱེད་དང་ཕན་ཚུན་འབྲེལ་འདྲིས་བྱུང་།

མཚོ་བོད་ས་མཐོར་ཡར་ཀླུང་སྤུར་རྒྱལ་གྱི་ཚོ་པའི་མནའ་འབྲེལ་དར་རྒྱས་ཆེན་པོ་མ་བྱུང་བའི་གོང་རོལ་དུ་སྤྱིར་ན་ཚོ་པའི་མནའ་འབྲེལ་ནས་རྒྱལ་ཁབ་སྲིད་དབང་བཙུགས་པའི་བར་བརྒལ་གྱི་དུས་མཚམས་སུ་གནས་ཡོད།

བོད་རིགས་ཀྱི་ལོ་རྒྱུས་ཞིབ་འཇུག་ལས་རིགས་དང་དེ་བཞིན་བོད་ཀྱི་ལོ་རྒྱུས་ལ་དགའ་ཞེན་ཡོད་པའི་གྲོགས་པོ་ཚོའི་ཡིད་ལ《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་ཆ》དང《མཁས་པའི་དགའ་སྟོན》《རྒྱ་བོད་ཡིག་ཚང་ཆེ་མོ》སོགས་རྣ་བར་འཇགས་པའི་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་གལ་ཆེན་གསལ་ལེར་ཡོད།

《རྒྱ་བོད་ཡིག་ཚང་ཆེ་མོའི》ནང་མཚོ་བོད་ས་མཐོའི་སྔ་རབས་མེས་པོ་རྣམས་ཀྱི་རིམ་འགྱུར་འཁོད་ཡོད་དེ། སྤྲེའུ་དང་དེ་ནས་མི། དེ་ནས་གནའ་མིའི་རུས་ཆེན་བཞི།(ཡང་ན་ རུས་ཆེན་དྲུག) མ་སངས་རུས་དགུ། རྒྱལ་ཕྲན་སིལ་མ།(རྒྱལ་ཕྲན་སིལ་མ་ཉེར་ལྔ་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས། རྒྱལ་ཕྲན་སིལ་མ་བཞི་ཅུ་སོགས)བཅས་སོ།

སྐབས་འདིའི་རྒྱལ་ཕྲན་སིལ་མ་ནི་སྤྱི་ལོའི་སྔོན་གྱི་500ལོ་ཡས་མས་སུ་མཚོ་བོད་ས་མཐོའི་ཐོག་རྒྱ་ཆེར་གནས་ཡོད།

《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་ཆ》དང《མཁས་པའི་དགའ་སྟོན》གྱི་འབྲེལ་ཡོད་ནང་དོན་ལས་སྐབས་དེའི་གྲགས་ཆེ་བའི་རྒྱལ་ཕྲན་མི་ཉུང་བ་ཞིག་རྟོགས་ཐུབ་སྟེ།

ཞང་ཞུང་། དེང་གི་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ནང་ཁོངས། དེར་ཁྱུང་ལུང་དངུལ་མཁར་གྲགས་པ་གནས།

གཙང་ལོ་ངམ། དེང་གི་མྱང་ཆུ་གཙང་པོ་རྒྱུག་ཁུལ།

སྐྱིད། དེང་གི་ལྷ་ས་སྐྱིད་ཆུ་རྒྱུག་ཁུལ།

ཟིང་པོ། དེང་གི་ལྷ་སའི་འཕན་པོ་ལྷུན་གྲུབ་རྫོང་ནང་ཁོངས།

ཀོང་། མྱང་། དྭགས།  དེང་གི་ཉིང་ཁྲི་གྲོང་ཁྱེར་གྱི་ནང་ཁོངས།

སུམ་པ། དེང་གི་གདང་ལའི་རི་རྒྱུད་ཀྱི་ལྷོ་བྱང་སྟེ། ཕྱིས་ཀྱི་སུམ་པའི་རུ་གནས་ཡུལ་ཡིན།

སྐབས་དེ་དུས་ཀྱི་ཡར་ཀླུང་ཁུལ་ནི་ཅུང་རྗེས་ལུས་ཡིན་པའི་རྐྱེན་ཡིན་སྲིད་དེ་དུས་སྐབས་གཅིག་པའི་རྒྱལ་ཕྲན་ནང་གསལ་མེད།

འོན་ཀྱང《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་ཆ》དང་དེ་བཞིན་《ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེའི》ནང་འཁོད་པའི་འབྲེལ་ཡོད་ནང་དོན་ལས། སྐབས་དེ་དུས་ཡར་ཀླུང་ཁུལ་དུ་ ཡབ་འབངས་རུས་དྲུག་གི་ཚོ་པ་གནས་ཡོད་པ་དང་། མ་ཟད་ཕྱིས་སུ་བོད་ཀ་གཡག་དྲུག་ཚོ་པ་དང་འབྲེལ་བ་ངེས་ཅན་ཡོད་པ་ཤེས་ཐུབ།

བོད་ཀ་གཡག་དྲུག་གི་ཚོ་པའི་སྐོར་ཨ་ཁུ་ཟླ་བས་དུས་ཐེངས་རྗེས་མར་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོའི་སྐོར་གླེང་སྐབས་བརྗོད་རྒྱུ་ཡིན།

同学们来学习一个藏语敬语呗:

ཞེ་སའི་སློབ་ཁང་། ལག་ཐོགས་འཕྲིན་ལམ།

敬 / 语/ 课

文明用语|敬语先行

五一劳动节到了,【小话· TIBET 】祝您和您的家人节日和假期康乐吉祥!

文字|达叔

绘画|才吉大人

ལོ་ཙཱ་བ།   |  ཟླ་བ་ཚེ་རིང།

藏文翻译  | 达瓦次仁

敬语播音|卓嘎

小话|不失敬畏和尊重

  欢迎您关注【小话 · TIBET】

  点击文顶“小话TIBET”,就可以订阅。

(0)

相关推荐

  • 叶拉太 | 敦煌古藏文吐蕃地名所反映的古代民族情况

    敦煌古藏文吐蕃地名所反映的古代民族情况 叶拉太 忧愁 才让东珠 - 忧愁 摘    要:在古藏文吐蕃地名中, 有相当数量的反映了青藏高原及其周边地区民族关系的历史地名.这些地名不是偶然形成的, 是吐蕃 ...

  • 关于藏族文化你了解多少?传世书画院指定平台 6月26日西藏和平解放70周年

    传世书画院指定平台 6月26日-8月27日 西藏和平解放70周年 西藏自治区,古称"蕃",简称"藏",首府拉萨,是中国五个少数民族自治区之一. 藏族的历史是中国 ...

  • 推荐丨《吐蕃统治河陇西域与汉藏文化交流研究》

    内容简介 本书在学界已有研究的基础上,利用敦煌.新疆等地出土的汉藏文献.金石碑铭.汉藏传世史籍等,对唐前期吐蕃在河陇地区的进出与军政建制,吐蕃统治河陇西域时期的节度使.都督.部落.部落使等问题进行研究 ...

  • 对吐谷浑地望的错误定位和所谓“吐谷浑邦国”的虚构

    论都兰古墓的民族属性(一) 阿顿·华多太 [摘要]有关青海省都兰县一带的古代墓葬群,自20世纪80年代以来,经我国考古专业部门和专业人士进行的一系列考古发掘,研究结果均新定为吐蕃墓葬,国务院与青海省政 ...

  • 中原汉人的魔幻漂流:吐蕃王朝中的唐朝印象

    唐朝地图(741) 和西域一样,青藏髙原地区也是多民族杂居之地.作为吐蕃王朝基本盘的藏族,也是在融合了高原地区及周边各族的基础上形成的.唐朝时期,松赞干布在征服了青藏高原地区不同民族的各个地方政权后, ...

  • 再探藏语方言的分类

    西南民族大学博士生导师 著名国际藏学专家土登彭措教授/著 再探藏语方言的分类 从语言学的角度讲,把藏语方言分为安多.卫藏和康巴三大方言是不完整的,也是不科学.为什么这样讲,是因为还有不属于以上三大方言 ...

  • 【纳学论坛】杨福泉:敦煌吐蕃文书《马匹仪轨作用的起源》与东巴经《献冥马》的比较研究

    [编者按]杨福泉老师的研究成果<敦煌吐蕃文书<马匹仪轨作用的起源>与东巴经<献冥马>的比较研究>发表后,曾引起很多反响,敦煌学界将它列为敦煌学研究中的一个新发现,一 ...

  • 创立格鲁派的宗喀巴大师,是蒙古人后裔吗?

    首先.这篇文章并非挑动蒙藏两族的对立,而是通过梳理史料,来尝试厘清宗喀巴大师的族源,破除一些明显存在误导的言论. 其次,本文作者为安多地区的藏族学者--金丝牦牛,可作为藏族阐述此问题的一家之言. 众所 ...

  • 吐蕃应该读吐fan而不是吐bo的一二三四

    前几天我开玩笑说我最喜欢把吐蕃读成吐fan,然后等人纠正成吐bo,再微微笑一笑告诉他其实还是应该读吐fan,因为一二三四-- 有友邻想要知道为什么我说应该读吐fan,那么就简单地解释一下. 这是一个经 ...

  • 石硕丨藏族三大传统地理区域形成过程探讨

    摘要:藏族传统上将其居住地域分为卫藏.安多和康三大区域.三者既是藏语三大方言区,也是三个不同的人文地理区域.本文对藏族三大传统地理区域形成过程和历史脉络进行了探讨.认为吐蕃时期已形成吐蕃本部及指称东部 ...

  • 藏文与象雄文的渊源

    许多史料中记载,如<新唐书>.<敦煌本吐蕃历史文书>等都明确记载说,松赞干部以前的吐蕃王朝没有自己的文字.要是这样,藏族的历史也随之缩短.所以我们有必要站在公平的角度去好好研究 ...